༧ སྐུ་འཕྲེང་དྲུག་པ་མཆོག་སྤྲུལ་ཡོན་ཏན་ལྷུན་གྲུབ་ནི་ཁོང་ཉིད་ཀྱིས་བཀའ་པོད་ལྔས་མཚོན་པའི་མདོ་སྔགས་རིག་གནས་དང་བཅས་པ་ལ་གསན་སྦྱངས་རྒྱ་ཆེར་བྱས་ཤིང་།

ཁྱད་པར་ཡན་ལག་དྲུག་གི་རྣལ་འབྱོར་ལ་ཉམས་བཞེས་གནད་སྨིན་མཛད་པ་སོགས་བླ་ན་མེད་པའི་ཡོན་ཏན་གྱིས་མངོན་པར་བརྒྱན་པ་ཞིག་སྟེ། ཁོང་ཉིད་ཀྱིས་དབུ་ཚད་གཞུང་བརྒྱའི་དཀའ་གནད་གང་གཱའི་རྒྱུན་བཟང་སྐལ་བཟང་ཛ་ཧཱུའི་བློ་གྲོས་ཀྱི་ལྟོ་བར་དྲངས་ཏེ་བསྟན་འགྲོའི་དོན་རླབས་ཆེན་མཛད་པས་སྲིད་པ་གསུམ་དུ་ལུང་རྟོགས་བསྟན་པའི་འོད་སྣང་ཅིར་ཡང་སྤྲོ་བའི་དགེ་མཚན་ཕྱོགས་སུ་རྒྱས་སོ། །ཁྱད་པར་སྐྱབས་མཆོག་རིན་པོ་ཆེའི་ཞབས་ཟུང་གསེར་གྱི་འཁོར་ལོ་འཇིགས་མེད་གདོང་ལྔ་འབར་བའི་ཁྲི་འཕང་མཐོན་པོར་བཀོད་དེ་བདག་སོགས་འགྲོ་བ་ལྷ་དང་བཅས་པའི་སྐྱབས་མགོན་དུ་བཞུགས་བཞིན་པ་ལགས་སོ། །

འབྲོག་དགེ་སྤྲུལ་སྐུ།

འབྲོག་དགེ་ཡོན་ཏན་རྒྱ་མཚོ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས།

འབྲོག་དགེ་སྤྲུལ་སྐུ།

སྤྲུལ་སྐུའི་ལམ་ལུགས།

འབྲོག་དགེ་གདུང་རྒྱུད།

གདུང་རྒྱུད་ཀྱི་ལམ་ལུགས།

འཕྲོས་དོན།